༈ དེ་ཁ་ནས་དྲི་བ་གནང་བའི་ལན་རྣམས་ཟུར་དུ་འབུལ་བ་ལ། དེ་ཡང་དྲི་བ་དང་པོ། རྩོད་དུས་སྙིགས་མ་ ལྔའི་དོན་ནི། དགྲ་ངན་དཔུང་ཚོགས་བཅུ་གཉིས་དང། སྐྱ་སེད་བུ་ལྔ་འཐབ་པ་ནས་བཟུང་རྩོད་པའི་དུས་ཏེ་དུས་ཀྱི་སྙིགས་མ། ཚེ་ལོ་མར་འགྲིབ་སྐབས་ཀྱི་ཆེ་ལོ་བརྒྱ་པ་མན་ཆད་ཚེའི་སྙིགས་མ། རྒྱུད་དང་དབང་པོ་འདུལ་ བཀའ་བ་སེམས་ཅན་གྱི་སྙིགས་མ། ཤུགས་དྲག་ལ་རྒྱུན་རིང་བ་ཉོན་མོངས་པའི་སྙིགས་མ། ཕྱིན་ཅི་ལོག་གི་བློ་སྒྱུར་དཀའ་བ་ལྟ་བའི་སྙིགས་མར་སྐྱིད་ཚལ་མཁན་པོ་འཇམ་དབྱངས་ཀུན་དགའ་ཆོས་བཟང་ [131A]༄༅། །པའི་འདུལ་བའི་བསླབ་བྱ་ལས་གསུངས་སོ།།